[001A]༄༅། །བདེ་མཆོག་དྲིལ་བུ་པའི་བླ་བརྒྱུད་གསོལ་འདེབས་དང། དཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་ཆོག་བདེ་ཆེན་སྙིང་པོ་ཞེས་བྱ་བ་བཞུགས།། [001A] །ན་མོ་གུ་རུ་བྷྱ་དཔལ་ལྡན་ཧེ་རུ་ཀ་དང་རྣལ་འབྱོར་མ། །དྲིལ་བུ་རུས་སྦལ་འབར་འཛིན་ནག་པོ་པ། །གུ་ཧྱ་རྣམ་རྒྱལ་ཏཻ་ལོ་ནཱ་རོ་དང། །ཕམ་མཐིང་སྐུ་མཆེད་ རྣམས་ལ་གསོལ་བ་འདེབས། །ཤེར་བརྩེགས་མལ་ལོ་ས་ཆེན་རྗེ་བཙུན་མཆེད། །ས་པཎ་འཕགས་པ་ཞང་སྟོན་བྲག་ཕུག་བ། །བླ་མ་དམ་པ་རྗེ་བཙུན་བློ་བཟང་གྲགས། །མཁས་ གྲུབ་སྐུ་མཆེད་རྣམས་ལ་གསོལ་བ་འདེབས། །དྷརྨ་བཛྲ་དབེན་ས་ཡབ་སྲས་དང། །ཆོས་རྒྱན་དཀོན་རྒྱན་བསྟན་འཛིན་འཕྲིན་ལས་ཞབས། །མཁས་བཙུན་བྱམས་མགོན་ཡོངས་ འཛིན་པཎྜི་ཏ། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །མཐུན་མོང་ལམ་སྦྱངས་དབང་ཐོབ་དམ་ཚིག་ལྡན། །ཕྱི་ནང་བསྐྱེད་པའི་རིམ་པ་ཕྲ་རགས་དང། །རྫོགས་རིམ་རིམ་ལྔའི་ཉམས་ལེན་ [002A]༄༅། །མཐར་ཕྱིན་ཏེ། སྐུ་བཞི་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་བདེ་མཆོག་དྲིལ་བུ་ལུགས་ཀྱི་གསོལ་འདེབས་སུ་དྷརྨ་བྷ་དྲས་བྲིས། ༈ དཔལ་ལྡན་འཁོར་ལོ་སྡོམ་པ་ཡབ་ཡུཾ་ དང། །དབྱེར་མེད་རྗེ་བཙུན་བླ་མའི་ཞབས་བཏུད་ནས། །གྲུབ་ཆེན་དྲིལ་བུའི་བཞེད་སྲོལ་ལྷ་མཆོག་ལྔའི། །རྣམ་དག་དབང་གི་ཆོ་ག་མདོར་བསྡུས་བྲི། །འདི་ལ་བཞི། བདག་བསྐྱེད། བུམ་སྒྲུབ། མདུན་བསྐྱེད། དབང་ ཆོག་གོ་དང་པོ་ནི། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་སྒྲུབ་ཐབས་བདེ་ཆེན་འབྱུང་གནས་ལྟར་རོ། །གཉིས་པ་བུམ་སྒྲུབ་ནི། བུམ་པ་གཉིས་ཁཎྜ་རོ་ཧེས་བསངས། སྭ་བྷཱ་ཝས་སྦྱངས་ སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་བཾ་བཾ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར། ཨོཾ་ཏེཔྟ་ཏཔྟེ་མཧཱ་ཏཔྟེ་སཱ་ཧཱ། གཉིས། ལྷའི་ཆུ་བོ་གཾ་ཀཱ་དང་བུམ་པའི་ ཆུ་དབྱེར་མི་ཕྱེད་པར་གྱུར། རྣམ་རྒྱལ་བུམ་པའི་ནང་དུ། སྣ་ཚོགས་པདྨ་འདབ་མ་བརྒྱད་བའི་དབུས་སུ་མཚན་དཔེའི་ངོ་བོ་དབྱངས་སོ་གཉིས་དང་མཉམ་པ་ཉིད་ཀྱི་ཡེ་ཤེས། ཟླ་བའི་དབུས་སུ་ [002B] ཧཱུཾ་ལས་ ྾ ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་བ་ལས་ལྷ་ལྔ་གདན་དང་བཅས་པ་དུས་གཅིག་ཏུ་གྲུབ་པ་ནི་ཆོས་ཀྱི་ དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ཡང་པདྨའི་ལྟེ་བར་ཉི་གདན་ལ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་རེ་རེ། ལས་བུམ་གྱི་ནང་དུ་པང་ཉིའི་གདན་ལ་པཾ་ལས་ གྲི་གུག་པཾ་གྱིས་མཚན་པ་ལས་དུམ་སྐྱེས་མ་དམར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་ཅིང་གཡས་བརྐྱངས་ཀྱིས་བཞུགས་པ། ལྷ་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་ དཀར་པོ་ ྾ མཁའ་འགྲོ་མ་སོགས་བཞི་ལ་རིན་འབྱུང། དུམ་སྐྱེས་མ་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཅེས་བདག་ལ་ཞེས་པ་འདི་ལ་ཞེས་བསྒྱུར་ནས་བདག་བསྐྱེད་ལྟར་ བསྐྱེད། དེ་ནས་མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་སརྦ་ཏ་ཐ་ག་ཏ་ཨྲྒྷི་ནས། ཤཔྟ་པྲ་ཏཱི་ཙྪ་སཱ་ཧཱའི་བར་གྱིས་ཕྱི་མཆོད་དང། སོ་སོའི་སྔགས་ལ་ཨོཾ་ཨཱ་ཧཱུཾ་བཏགས་པས་ནང་མཆོད་ ཕུལ༑ ལྷག་པའི་ལྷ་མཆོག་བླ་མ་ཧེ་རུ་ཀ། །ཀུན་ལ་མ་ལྟར་བརྩེ་བ་རྗེ་བཙུན་མ། །དཔའ་བོ་དཔའ་མོའི་དབང་ཕྱུག་ཐམས་ཅད་ཀྱི། །ཞབས་ཀྱི་པདྨོར་གུས་པས་ཕྱག་འཚལ་ལོ། ཞེས་བསྟོད་ [003A]༄༅། །དེ་ནས་ཧཱུཾ། ཞེས་གཟུངས་ཐག་དང་འཕྲེང་བ་བཟུངས་ལ། སྔགས་རྐྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡེ་ཤེས་ ཀྱི་བདུད་རྩི་བཀུག་ནས་བུམ་པའི་ཆུ་ལ་ཐིམ་པར་གྱུར་པར་བསམས་ལ། རྣམ་རྒྱལ་ལ་གཙོ་བོ་ཡབ་ཡུམ་གྱི་སྙིང་པོ་དང་ཉི་སྙིང་དང་ལྷ་མོ་བཞིའི་སྙིང་པོ་རྣམས་བརྒྱ་རྩ་བརྒྱད་དམ་ཉེར་ གཅིག་རེ། ལས་བུམ་ལ་ཞལ་བཞི་པའི་སྔགས་དང། ཁཎྜ་རོ་ཧེ་ཡེ་ཧཱུཾ། ཞེས་པ་རྣམས་ཅི་མང་བཟླས་ལ། གོང་བཞིན་མཆོད་ཡེ་ཧཱུཾ། ཞེས་པ་རྣམས་ཅི་མང་བཟླས་ལ། གོང་བཞིན་མཆོད་ བསྟོད་བྱ། མ་འབྱོར་བ་དང་ཞེས་སོགས་ཀྱིས་བཟོད་པར་གསོལ། དུང་ཆོས་ཀྱི་མཆོད་ཡོན་བུམ་པར་ཕུལ་ལ། ཨོཾ་ཨཱ་ཧཱུཾ། ལྷ་རྣམས་ཆགས་པ་ཆེན་པོའི་མེས་ཞུ་ནས་བྱང་ཆུབ་ཀྱི་ སེམས་ཀྱི་ངོ་བོར་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་བར་བསམ་མོ།། ༈ དཀྱིལ་འཁོར་ཁཎྜ་རོ་ཧེས་བསངས། ཤཱུནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་སྐང་ ཅིག་གིས་རྡོ་རྗེའི་ས་གཞི་ ྾ མཉམ་པ་ཉིད་ཀྱི་ཡེ་ཤེས། ཟླ་བའི་དབུས་སུ་དཀར་ལ་དམར་བའི་མདངས་ཅན་གྱི་ཧཱུཾ་ཡིག་སོ་སོར་རྟོག་པའི་ཡེ་ཤེས། ཧཱུཾ་ལས་བྱང་ཆུབ་ཀྱི་སེམས་ཀྱིས་ [003B] ལྷ་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ་ ྾ མཁའ་འགྲོ་མ་སོགས་བཞི་ལ་རིན་འབྱུང་གིས་དབུ་བརྒྱན་པར་གྱུར། ཅེས་བདག་བསྐྱེད་ལྟར་བསྐྱེད། དེ་ནས་ཆུ་བཞི་ཉེར་སྤྱོད་རོལ་ མོ་འདོད་ཡོན་རྣམས་བདག་བསྐྱེད་ལྟར་བྱིན་གྱིས་བརླབས་ལ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དང། །བདག་གིས་དད་པས་འབུལ་ལགས་ན། །བཞེས་ནས་བདག་ ལ་བཀའ་དྲིན་སྩོལ། ཨོཾ་ཨཱ་ཧྲཱི་པྲ་ཝ་ར་སད་ཀ་རཾ་ཨྲྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སཱ་ཧཱ། དེ་བཞིན་དུ་ཡོན་ཆབ་ཀྱི་གནས་སུ། ཞབས་བསིལ། ཞལ་བསིལ། བསང་གཏོར། ཞེས་དང། ཨྲྒྷཾ་གྱི་གནས་ སུ་པཱ་དྱཾ། ཨཱ་ཉྩ་མཎཾ། པྲོ་ཀྵ་ཎཾ། བཅུག་ལ་ཆུ་བཞི་དང། སྟོན་ཟླའི་མདོག་ཅན་ཞལ་གཅིག་ཕྱག་བཞི་མ། །གཡས་གཡོན་དང་པོའི་ཕྱག་གིས་རྡོར་དྲིལ་དང། །འོག་མས་སྤེལ་ལེགས་མེ་ཏོག་ འཕྲེང་བ་འཛིན། །རྡོ་རྗེ་མེ་ཏོག་མ་ཡིས་མཆོད་པར་བྱ། ཨོཾ་བཛྲ་པུཥྤེ་ཨཱ་ཧཱུཾ་སཱ་ཧཱ། དུད་པའི་མདོག་ཅན་ ྾ གཡས་གཡོན་ ྾ འོག་མས་དྲི་ཞིམ་བདུག་པའི་སྤོས་སྣོད་འཛིན། །རྡོ་རྗེ་བདུག་ སྤོསེ་ ྾ དྷཱུ་པེ། གུར་ཀུམ་མདོག་ཅན་ ྾ གཡས་གཡོན་ ྾ འོག་མས་རིན་ཆེན་འོད་འབར་སྣང་གསལ་འཛིན། །རྡོ་རྗེ་མར་མེ་ ྾ དའི་པེ། མརྒད་མདོག་ཅན་ ྾ གཡས་གཡོན་ ྾ འོག་མས་ [004A]༄༅། །སྟོང་གསུམ་ངད་ལྡང་དྲི་མཆོག་འཛིན། །རྡོ་རྗེ་བྱུག་པ་ ྾ གནྡྷེ། སྣ་ཚོགས་མདོག་ཅན་གཡས་གཡོན་ ྾ འོག་མས་རོ་བརྒྱ་ལྡན་པའི་ཞལ་ཟས་འཛིན། །རྡོ་རྗེ་ཞལ་ཟས་ ནཻ་ཝི་དཡེ། ཡིད་འོང་རོལ་མོའི་ཆ་བྱད་མཐའ་ཡས་ལས། །བྱུང་པའི་གདངས་སྙན་མི་འདྲ་དུ་མ་ཅན། །ཐོས་པས་ལུས་སེམས་གདུང་བ་ཞི་བྱེད་པ། །སྣ་ཚོགས་རོལ་མོའི་སྒྲ་ཡིས་མཆོད་པར་བྱ། ཤཔྟ་ ཞེས་ཉེར་སྤྱོད་རོལ་མོ་དང། གངས་རིའི་མདོག་ཅན་ཞལ་གཅིག་ཕྱག་བཞི་མ། །གཡས་པས་དྲི་མེད་མེ་ལོང་ཌཱ་མ་རུ། །གཡོན་པས་བདེ་སྐྱོང་སྣོད་དང་ཁཊཱཾ་འཛིན། །གཟུགས་ཀྱི་རྡོ་རྗེ་མ་ཡིས་མཆོད་ པར་བྱ། ཨོཾ་ཨཱ་བཛྲ་ཨཱད་རཤེ་ཧཱུཾ། དབང་སྔོན་མདོག་ཅན་ ྾ གཡས་པས་བཻཌཱུར་པི་ཝང་ཌཱ་མ་རུ། །གཡོན་པས་སྒྲ་ཡི་ཝི་ནི། གསེར་གྱི་མདོག་ཅན་ ྾ གཡས་པས་དྲི་ཡི་ དུང་ཆོས་ ྾ གཡོན་པས་ ྾ དྲ་ཡི་ ྾ གནྡྷེ། བྱུ་རུའི་མདོག་ཅན་ ྾ །གཡས་པས་སྦྲང་ཆང་སྣོད་དང་ ྾ གཡོན་པས་ ྾ རོ་ཡི་ ྾ ར་སེ། དུར་པའི་མདོག་ཅན་་གཡས་པས་སྣ་ ཚོགས་གོས་དང་ ྾ གཡོན་པས་ ྾ རེག་བྱའི་ ྾ སྤརཤེ། ཀུནྡའི་མདོག་ཅན་ ྾ གཡས་པས་ཆོས་ཀྱི་འབྱུང་གནས་ ྾ གཡོན་པས་ ྾ ཆོས་དབྱིངས་ ྾ དྷརྨེ། ཞེས་འདོད་ཡོན་དྲུག་དང། སྤྲོ་ན་ [004B] །ཉི་མའི་གཟི་བྱིན་ཕམ་བྱེད་གང་གི་མཐུས། །གླིང་བཞིའི་དཔལ་ལ་འདོད་རྒུར་དབང་བྱེད་བའི། །འཁོར་ལོ་རིན་ཆེན་ནམ་མཁའ་བསྐང་སྟེ་དབུལ་ ཨོཾ་བཛྲ་ཙ་ཀྲ་རཏྣ་པྲ་ཏཱི་ཙྪ་ཧཱུཾ་སཱ་ཧཱ། མཐོ་རིས་བདག་པོའི་ཅོད་པན་དུ་འོས་ཤིང། །དྲི་མ་ཀུན་བྲལ་གཞི་འབར་བཻཌཱུརྱ། །ས་སྟེང་འདོད་རྒུའི་ཆར་གྱིས་འགེང་བྱེད་པ། །ནོར་བུ་རེན་ཆེན་ ྾ མ་ཎི། འཆི་མེད་ མཛེས་པའི་ཚོགས་རྣམས་ལན་བརྒྱར་ཡང། །ཕམ་བྱེད་གཟུགས་དང་ལང་ཚོའི་དཔལ་ཡོན་ཅན། །མཐོང་བས་བདེ་སྟེར་ཀུན་གྱི་ཡིད་འཕྲོག་མ། །བཙུན་མོ་རིན་ཆེན་ ྾ སྟྲཱི། ཡོན་ཏན་དྲུག་ཤེས་ ཕུར་བུའི་ཁེངས་པ་འཕྲོག་འཚེ་བ་མེད་པར་ནོར་འཛིན་དབང་དུ་བྱེད། །ས་ཆེན་སྐྱོང་པའི་བྱ་བ་ཀུན་ལ་མཁས། །བློན་པོ་ ྾ པ་རིའི་ཎ་ཡ་ཀ། གངས་རིའི་དབང་པོར་དོགས་པ་དང་ལྡན་ཞིང། །གསེར་གྱི་དྲ་ བས་གདོང་མཛེས་སྤྱི་གཙུག་མཐོ། །ཕ་རོལ་དགྲ་འཇོམས་འགྱོགས་འགྲོ་ཅང་ཤེས་པ། །གླང་པོ་ ྾ ག་ཛ། སྟོང་གསུམ་ཡུད་ཀྱིས་སྐོར་བྱེད་བང་འགྲོས་ལྡན། །རིན་ཆེན་སྒ་སྲབ་ནོར་བུའི་ལན་ཚར་འཕྱང་ མདོངས་ལྡན་མགྲིན་པའི་སྤུ་ལྟར་ལྟ་ན་སྡུག་རྟ་མཆོག་ ྾ ཨ་ཤྭ། གང་གི་དཔལ་གྱིས་རྨུགས་འཛིན་དབང་པོ་ཡང། །ངེས་པར་སྐྱེང་བྱེད་འབྲུ་དང་རིན་ཆེན་གྱི། །བང་མཛོད་ནམ་ཡང་ཟད་པ་མེད་པ་ཅན།། [005A]༄༅། །ཁྱིམ་བདག་ ྾ གྲྀ་ཧ་པ་ཏེ། ཞེས་རིན་ཆེན་བདུན་ཏེ་ཕྱི་མཆོད་རྣམས་འབུལ། དེ་ནས་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི། ཞེས་པ་ནས། མཉེས་པར་གྱུར། ཅེས་པའི་ བར་གྱིས་ནང་གསང་དེ་ཉིད་ཀྱི་མཆོད་པ་འབུལ། སྐུ་བཞིའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང། །གང་འདུལ་ཇི་བཞིན་མཆོག་དང་མཐུན་མོང་གི་དངོས་གྲུབ་འདོད་པ་འཇོ་བའི་དབང་གི་རྒྱལ། ཟླ་མེད་རྡོ་རྗེ་ཅན་ ཞབས་ལ་ཕྱག་འཚལ། །ཤེས་བྱའི་དཀྱིལ་འཁོར་ལྷན་སྐྱེས་བདེ་བ་ཆེར། །སྡོམ་མཛད་བཅོམ་ལྡན་དཔའ་བོའི་དབང་ཕྱུག་དང། །དྲན་པས་སྲིད་ཞིའི་བདུང་སེལ་རྗེ་བཙུན་མ། །འཁོར་ལོའི་བདག་པོ་ཡབ་ཡུམ་ལ་ ཕྱག་འཚལ། །ཕྱོགས་ཀྱི་པདྨའི་འདབ་མར་ཚོགས་གཉིས་ཀྱི། །མཛེས་སྡུག་ལང་ཚོ་རྒྱས་པའི་འཇོ་སྒེག་གིས། །དཔའ་བོའི་བརྟན་པ་འཕྲོག་པའི་རྣམ་འགྱུར་ཅན། །བདེ་ཆེན་ལྷ་མོ་བཞི་ལ་ཕྱག་འཚལ་ ལོ༑ ༑སྒྲིབ་བྲལ་ལྷན་སྐྱེས་བདེ་བའི་ངོ་བོ་ཉིད། །སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་རོལ་བ་ལས། །དག་པའི་བརྟན་དང་གཡོ་བའི་རང་བཞིན་གྱི། །རྟེན་དང་བརྟེན་པར་སྤྲུལ་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པས་ རྗེ་བཙུན་ཡབ་ཡུམ་གྱིས། །དགྱེས་བཞིན་འབྲལ་མེད་རྗེས་སུ་བཟུང་བའི་མཐུས། །བདེ་ཆེན་ལྷན་སྐྱེས་དགའ་བས་མྱོས་ཐོབ་སྟེ། །སྐུ་གསུམ་གོ་འཕང་ཚེ་འདིར་ཐོབ་པར་ཤོག་ཅེས་བསྟོད་ལ་བདག་བསྐྱེད་ [005B] །དེ་ནས་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། ལྷ་རྣམས་ཀྱི་ལྗགས་ལ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་མོ་གསུམ་པ་ནས་འབྲུ་ཙམ་འཁོད་པའི་འོད་ཟེར་གྱི་སྦུ་གུས་གཏོར་མའི་ བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་ཨ་ར་ལི་ཧོཿ་ཛཿ་ཧཱུཾ་བཾ་ཧོཿ་བཛྲ་ཊཱ་ཀི་ནཡ་ས་མ་ཡ་སྟཾ། །ཏྲི་ཤྱ་ཧཿ་ལན་གསུམ་གྱིས་ཕུལ། ཕྱི་ནང་གིས་མཆོད་ཅིང་བསྟོང་ལ། །སྲིད་པ་དང་མཉམ་ཞི་བ་ཆགས་བཅོམ་ ཀུན་ཏུ་རྟོག་པ་འཇོམས། །ཁྱོད་ནི་དངོས་པོ་མཐའ་ངག་མཁའ་ལྟར་གཟིགས་པ་དང་ལྡན་པ། །མགོན་པོ་ཤིན་ཏུ་བརྩེ་བ་ལྕི་བའི་ཆུས་བརླན་ཐུགས་ཀྱི་ཆུས། །མཛོད་ཅིག་ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་རྗེས་ བརྩེར་མཛོད། ཅེས་འདོད་དོན་ལ་གསོལ་བ་གདབ་པོ། །དེ་ནས་ཕྱི་རོལ་དུ་མཆོད་གཏོར་བྱིན་གྱིས་བརླབས་ལ། ཕཻཾ༑ ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། དུར་ཁྲོད་བརྒྱད་ན་གནས་པའི་ཕྱོགས་སྐྱོང་ཞིང་ སྐྱོང་ཀླུ་ལ་སོགས་པ་སྤྱན་དྲངས། ཕྱོགས་མཚམས་བརྒྱད་དུ་འཁོད་པ་སྐད་ཅིག་གིས་འདོ་གསལ་དུ་བཅུག་པ་ལས། བདེ་མཆོག་ཡབ་ཡུམ་གྱི་སྐུར་བཞེངས་པའི་ལྗགས་ལ་ཧཱུཾ་ལས་སྐྱེས་པའི་་གསོལ་ བར་གྱུར། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཀྵ། རཀྷ་ས་བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨཱུནྨ་ད། ཨ་པ་སྨ་ར། བཛྲ་ཊཱ་ཀཱ་ཌཱ་ཀི་ནཡ་དཾ་ཡ། ཨི་མཾ་བ་ལིཾ་གྲི་ཧཱ་ནྟུ། ས་མ་ཡ་ར་ཀྵ་ནྟུ། མ་མ་སརྦ་སི་དཧི་མམེ་པྲ་ [006A]༄༅། །ཡཙྪནྟུ། ཡ་ཐེ་བཾ། ཡ་ཐེ་ཤྚཾ། བཧུ་ཛ་ཐ། པི་པཱ་ཐ། ཛཱི་གྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡཱ་སང་སུ་ཁཾ་བི་ཤུདྷ་ཡ། ས་ཧ་ཡི་ཀ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཱ་ཧཱ། ལན་གཉིས་ཀྱིས་ ཕུལ༑ ཨོཾ་ཨྲྒྷཾ་པྲ་ཏཱི་ཙྪ་སཱ་ཧཱ། ཨོཾ་པཱ་དྱཾ་པྲ་ཏཱི་ཙྪ་སཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཿ་ཧཱུཾ་ནས་ཤཔྟ་ཨཱ་ཧཱུཾ་གི་བར་གྱིག་མཆོད། ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་ལ་སོགས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ་གིས་ནང་མཆོད་ ཕུལ༑ བསྟན་པ་སྲུང་དང་འགྲོ་བའི་དོན་མཛད་ཕྱིར། །ཐུགས་དམ་བཅས་ཤིང་ཞལ་གྱིས་འཆེས་པ་རྣམས། །དཔལ་ཆེན་བཀའ་སྡོད་ཡིད་ལྟར་མགྱོགས་པ་ཡི། །འཇིགས་པའི་གཟུགས་ ཅན་དྲག་གཏུམ་མི་བཟང་པ། །གདུག་པ་འདུལ་མཛད་ནག་པོའི་ཕྱོགས་རྣམས་འཇོམས། །རྣལ་འབྱོར་ལས་ལ་འབྲས་བུ་སྟེར་མཛད་ཅིང། །མཐུ་སྟོབས་བྱིན་རླབས་བསམ་གྱིས་མི་ཁྱབ་པའི། ། གནོད་སྦྱིན་ཚོགས་སོགས་བརྒྱད་ལ་ཕྱག་འཚལ་ལོ། །སྡེ་བརྒྱད་བཙུན་མོ་སྲས་དང་གཡོག་བཅས་པས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་བདག་ལ་སྩོལ། ཅེས་འཕྲིན་ལས་བཅོལ་ལ། ཨོཾ་བཛྲ་ མུཿ་འཇིག་སྟེན་པ་རྣམས་རང་གནས་སུ་གཤེགས་པར་གྱུར། ཅེས་བརྗོད་ཅིང། སྤྲོ་ན་ཉེ་རིག་དང་སྒོ་དབྱེ་མདོར་བསྡུས་བྱའོ།། ༈ མཎྜལ་ཕུལ་ཏེ། དགའ་ [006B] སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བརྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་ བདག་ལ་རྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་བ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ལན་གསུམ་གྱིས་གསོལ་བ་ བདབ། ཨོཾ་ཙཀྵུ་བནྡྷཾ་བ་ར་མ་ན་ཡ་ཧཱུཾ་གིས་མིག་དར་བཅིང། ཨཱ་ཁཾ་བི་ར་ཧཱུཾ་གིས་མེ་ཏོག་བླང། ཁཎྜ་རོ་ཧེས་བསངས། རང་ཉིད་ཧེ་རུ་ཀར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱ་ཧཱུཾ་གིས་མཚན་པར་གྱུར་ ཅེས་བྱིན་གྱིས་བརླབ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །སྐལ་བཟང་བདག་ནི་བདེ་ཆེན་ལའོ། །དེ་ཡིས་བུ་ལ་ཅི་ཞིག་བྱ། །སངས་རྒྱས་མཆོག་གི་དམ་ཚིག་གོ། ཞེས་དྲི་ལན་བྱ། དཀོན་མཆོག་གསུམ་ ལ་བདག་སྐྱབས་མཆི། ཞེས་སོགས་ལན་གསུམ་གྱིས་བྱང་སྡོམ་དང། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། ཞེས་སོགས་ལན་གསུམ་གྱིས་སྔགས་སྡོམ་གཟུང། རང་གི་སྙིང་གར་ཟླ་བ་ལ་ གནས་པའི་རྡོ་རྗེ་དཀར་པོ་ཀུན་རྫོབ་དང་དོན་དམ་བྱང་སེམས་ཀྱི་ངོ་བོར་གྱུར། ཨོཾ་སརྦ་ཡོ་ག་རྩི་ཏྟ་ཨུཏྤ་ཏ་ཡཱ་མི། ཞེས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད། ཨོཾ་སུ་ར་ཏེ་ས་མ་ཡ་སྟཾ་ཧོཿ་སིདྡྷྱ་བཛྲ་ [007A]༄༅། །ཡ་ཐཱ་སུ་ཁ། ཞེས་བརྟན་པར་བྱ། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། ཞེས་གསང་བར་གདམས། ༈ ཞེས་ ཁྲིད་ནས། ཨཱ་ཁཾ་བའི་ར་ཧཱུཾ། ཞེས་ནང་དུ་ཞུགས། མ་ཧཱ་ར་ཏ་སུ་དྲྀ་ཌྷ་སུ་ཏོ་ཤོ་སུ་སུ་ཁོ་བཛྲ་སཏ་ཨཱ་དྱ་སིདྡྷ་མཾ། ཞེས་གཡོན་སྐོར་གསུམ་བྱ། ཨོཾ་ན་མསྟེ་ཧཱུཾ། ན་མཱ་མི་ཧཱུཾ། ན་མོ་ན་མཿ་ཧཱུཾ་སཱ་ཧཱ། ཞེས་ ཕྱག་བྱ། དེ་ནས། ཁྱོད་ཀྱིས་དམ་ཚིག་རྡོ་རྗེ་འདི། །འགའ་ལ་སྨྲས་ན་མགོ་བོ་འགེམས། ཞེས་དང། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་ མ་ཐག་ཏུ་དྲལ་ཏེ་གཤེགས། ཞེས་རྩ་ལྟུང་བདུན་པ་དང། འདི་ནི་བུ་ཁྱོད་བདུད་རྩི་སྟེ། །མ་བསྲུངས་སྲེག་པར་བྱེད་པའི་དུག། །བསྲུངས་ན་དངོས་གྲུབ་འགྱུར་བ་སྟེ། །བདུང་རྩི་ལྔ་ཡི་ཆུས་འགྲུབ་པའོ། ཨོཾ་ པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཐཿ་ཐཿ་ཐཿ་ཞེས་དམ་ཚིག་སྤྱི་དང། རྡོ་རྗེ་འཛིན་པ་ང་ཡིན་གྱིས། །ཁྱོད་ཀྱིས་སྨད་པར་མི་བྱ་ཞིང། །དམ་ཚིག་འགལ་བར་མི་བྱ་སྟེ། །དམྱལ་ལ་སོགས་པར་འགྲོ་འགྱུར་ [007B] ཞེས་རྩ་ལྟུང་དང་པོ་ལ་དམ་བཞག་བྱ། དེ་ནས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་རློགས་ཤིག་དཔལ་ཧེ་རུ་ཀ་བདག་ལ་དབབ་པར་མཛོད་ཅིག་ཅེས་གསོལ་བ་གདབ་ བླ་མ་དང་གཙོ་བོ་ཐ་མི་དང་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། སངས་རྒྱས་དང་བྱང་སེམས། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་འཁོར་ལོ་བདེ་མཆོག་གི་ལྷའི་རྣམ་པར་སྤྱན་དྲངས། རང་གི་ལུས་ ལ་ཆར་ཆེན་པོ་བབ་པ་བཞིན་དུ་བ་སྤུའི་སྒོ་ཐམས་ཅད་ནས་ཞུགས་ཤིང་གཉིས་སུ་མེད་པར་ཐིམ་པར་གྱུར། ཡི་གེ་བདུན་པ་དང། ཨོཾ་ཏིཥྚྷ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུཾ། ཞེས་བཟླས་ཏེ་ཡེ་ཤེས་དབབ་ ཏིཥྛ་བཛྲ། ཞེས་བརྟན་པར་བྱ། ༈ ཨོཾ་པྲ་ཏཱི་ཙྪ་བཛྲ་ཧོཿ་ཞེས་མེ་ཏོག་དོར། ཨོཾ་པྲ་ཏི་གྲིཧྞ་སྟྭཾ་ཨེ་མཾ་ས་ཏྭ་མ་ཧཱ་བ་ལ། ཞེས་མགོ་ལ་བཅིང། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་ འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བའི། །རྡོ་རྗེའི་མིག་ནི་བླ་ན་མེད། ཨོཾ་འྫྲ་ནེ་ཏྲ་ཨ་པ་ཧ་ར་ཕ་ཊ་ལཾ་ཧྲཱི་ཞེས་མིག་དར་བསལ། ཧེ་བཛྲ་པཱ་ཤྱ། ཞེས་ལྟ་བར་བསྐུལ་ བས༑ དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར་པར་བསམ་མོ།། ༈ ཆོས་ [008A]༄༅། །བདེན་བདག་ཉིད་བསམ་མི་ཁྱབ། །བདག་ལ་དབང་ནི་བསྐུར་བར་མཛོད། ཅེས་ལན་གསུམ་གསོལ་བ་གདབ། བདག་དང་བུམ་ཆུ་ཁཎྜ་རོ་ཧིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་མཱ་མ་ཀི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་ པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱ་ཐུགས་ཀར་ཧཱུཾ། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་པ་དང་དབང་གི་ལྷ་རྣམས་སྤྱན་དྲངས། ཕཻཾ། ཛཿ་ཧཱུཾ་བཾ་ཧོཿ་གཉིས་ སུ་མེད་པར་གྱུར། དབང་གི་ལྷས་དབང་རྫས་ཀྱི་ལྷ་ལ་དབང་བསྐུར། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཨོཾ་ཨརྒྷཾ་ནས། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སཱ་ཧཱའི་བར་གྱིས་མཆོད། ཡབ་ཡུམ་སྙོམས་འཇུག་ གིས་ཞུ་བའི་བུམ་ཆུར་གྱུར། ཅེས་བསྐྱེད། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། དབང་གི་ལྷ་དཔལ་འཁོར་ལོ་སྡོམ་པའི་རྟེན་དང་བརྟེན་བའི་དཀྱིལ་འཁོར་སྤྱན་དྲངས། སྔར་ ལྟར་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། སྒོ་མཚམས་མ་བརྒྱད་ཀྱིས་བགེགས་བསྐྲད། དཔའ་བོ་རྣམས་ཀྱིས་ཤིས་ [008B] དཔའ་མོ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད། གཙོ་བོས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞི་ཕག་མོ་དང་བཅས་པས་རིན་པོ་ཆེའི་བུམ་པ་བདུང་རྩི་ ལྔས་གང་བ་བཟུང་སྟེ་སྤྱི་བོ་ནས་དབང་བསྐུར་བར་གྱུར། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ངེས་འབྱུང་བ། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨར་རྡོ་རྗེས་ རོལ་མཛད་པའི། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག་ཅེས་ཤིས་པ་བརྗོད། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་ གསང་གསུམ་གྱི། །གནས་ལས་བྱུང་བ་སྤྱིན་པར་བྱ། ཨོཾ་ཙ་ཀྲ་བའེ་ར་སྟྭི། ཨ་བཧི་ཥི་ཉྩ་མི། ཞེས་དབང་བསྐུར་བས་ལུས་ཐམས་ཅད་གང། བདེ་བ་ཆེན་པོ་མྱོང། དྲི་མ་ཐམས་ཅད་དག་ཆུའི་ ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས་མི་བས་ཡོད་པས་དབུ་བརྒྱན་པར་གྱུར། ཛཿ་ཧཱུཾ་བཾ་ཧོཿ་དབང་ལྷ་རྣམས་རང་གི་བ་སྤུའི་སྒོ་ནས་ཐིམ་པར་གྱུར། རང་ལ་སྔར་ལྟར་མཆོད། དེ་ལྟར་ ཆུའི་དབང་ཐོབ་པས་རྣམ་པར་ཤེས་པའི་ཕུང་པོ་གནས་བསྒྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་སོ། །ཞེས་དག་པ་བརྗོད། ༈ །དེ་ནས་བདག་དང་ཅོད་པན་བསངས་ [009A]༄༅། །སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཨཾ་ལས་རིན་པོ་ཆེ་ཨཾ་གིས་མཚན་པ་ལས་རིན་འབྱུང་སེར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རིན་པོ་ཆེ་དང་དྲིལ་བུ་འཛིན་པས་རིན་ཆེ་སྒྲོལ་ མ་སེར་མོ་གྲི་གུག་དང་་ཞུ་བའི་ཅོད་པན་དུ་གྱུར་་གནས་ལས་བྱུང་བ་སྦྱིན་པར་བྱ། ཡུམ་གྱི་ཉེ་སྙིང་དང་རྣལ་འབྱོར་མ་བཞིའི་སྔགས་སྤྲེལ་ནས་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏེ་ཨ་བཧི་སྲེ་ ཞེས་དབང་ བསྐུར་བས་་གྱུར་པ་ལས་རིན་འབྱུང་གིས་དབུ་བརྒྱན་པར་གྱུན། ཛཿ་ཧཱུཾ་་དེ་ལྟར་ཅོད་པན་གྱི་དབང་ཐོབ་པས་ཚོར་བའི་ཕུང་པོ་གནས་བསྒྱུར་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་མདོན་དུ་བྱས་སོ། ཞེས་དག་པ་བརྗོད་ ༈ །དེ་ནས་བདག་དང་རྡོ་རྗེ་བསངས་སྦྱངས། སྟོང་པའི་ངང་ལས་པད་ཉིའ་སྟེང་དུ་ཛི་ལས་པདྨི་ཛྲཾ་གིས་མཚན་པ་ལས་འོད་དཔག་མེད་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་པདྨ་དང་དྲིལ་བུ་འཛིན་པས་གོས་དཀར་མོ་ དམར་མོ་གྲི་གུག་དང་་ཞུ་བའི་རྡོ་རྗེར་ ་སྦྱིན་པར་བྱ། ཧེ་རུ་ཀ་དཔལ་དབང་སོགས་ཀྱིས། །དེང་ཁྱོད་བདག་པོར་དབང་བསྐུར་འགྱུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུངས། ཨོཾ་ས་རྡ་ ཏ་ཐཱ་་གྱུར་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཛཿ་ཧཱུཾ་་དེ་ལྟར་རྡོ་རྗེའི་དབང་ཐོབ་པས་འདུ་ཤེས་ཀྱི་ཕུང་པོ་གནས་བསྒྱུར་ཏེ། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་སོ། ཞེས་དག་པ་བརྗོད་དེ་ [009B] སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས་དོན་གྲུབ་ལྗང་གུ་ཞལ་གཅིག་ཕྱག་གཉིས་ཀྱིས་རལ་གྲི་དང་དྲིལ་བུ་འཛིན་པས་དམ་ཚིག་སྒྲོལ་མ་ལྗང་ གུ་གྲི་གུག་དང་་ཞུ་བའི་དྲིལ་བུར་གྱུར་་སྦྱིན་པར་བྱ། འདི་ནི་རྣལ་འབྱོར་མ་ཀུན་གྱི། །དྲིལ་བུ་སྒྲ་ཀུན་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། ཨོཾ་སརྦ་ཏ་ཐཱ་་ གྱུར་པ་ལས་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། ཛཿ་ཧཱུཾ་་དེ་ལྟར་དྲིལ་བུའི་དབང་ཐོབ་པས་འདུ་བྱེད་ཀྱི་ཕུང་པོ་གནས་བསྒྱུར་ཏེ། བྱ་བ་གྲུབ་བའི་ཡེ་ཤེས་མངོན་དུ་བྱས་སོ། །ཞེས་དག་པ་བརྗོད། ༈ རང་ཉིད་བསངས་སྦྱངས། སྟོང་པའི་དང་ལས་པད་ཟླའི་སྟེང་དུ་བྷཱཾ་ལས་འཁོར་ལོ་བྷཱུཾ་གྱིས་མཚན་པ་ལས་རང་ཉིད་རྣམ་སྣང་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་འཁོར་ལོ་དང་དྲིལ་བུ་འཛིན་པས་སྤྱན་མ་དཀར་མོ་ གྲི་གུག་དང་་ཡེ་ཤེས་པ་སྤྱན་དྲངས། ཕཻཾ༑ ཛཿ་ཧཱུཾ་བཾ་ཧོཿ་གཉིས་སུ་མེད་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པའི་་སྤྱིན་པར་བྱ༑ ཨོཾ་བཛྲ་སཏ་སྟྭཾ་ཨ་བཧི་ཥཱི་ཉྩ་མི། བཛྲ་ནཱ་མ་ཨ་བཧི་ཥེ་ཀ་ཏ། ཀྱཻ་དཔལ་ཚེ་གེ་མོ་རྡོ་རྗེ་ ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཨོཾ་སརྦ་ཏ་ཐཱ་་གྱུར་པ་ལས་རྣམ་སྣང་གིས་དབུ་བརྒྱན་པར་གྱུར། ཛཿ་ཧཱུཾ་་དེ་ལྟར་མིང་གི་དབང་ཐོབ་པས་གཟུགས་ཀྱི་ཕུང་པོ་གནས་བསྒྱུར་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ [010A]༄༅། །མདོན་དུ་བྱས་སོ། ཞེས་དག་པ་བརྗོད། ༈ བླ་མ་དང་གཙོ་བོ་ཐ་མི་དང་པའི་ཐུགས་ཀ་ནས་སྙིང་པོའི་སྔགས་འཕྲེང་བྱུང་བ་ཞལ་ནས་ཐོན། རང་གི་ཁ་ ནས་ཞུགས་ཏེ་སྙིང་གར་ཧཱུཾ་གི་མཐར་འཁོད་པའི་འོད་ཟེར་གྱིས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་གྱུར། ཨོཾ་ཤྲཱི་བཛྲ་་རཾ་སཱ་ཧཱ། གསུམ། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ ལ་བྱིན་གྱིས་རློབས། གསུམ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། དཔལ་འཁོར་ལོ་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་ པར་གྱུར་ཅིག་ཅེས་སྔགས་དབང་བྱ། ༈ རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་ཡུམ་དང་བཅས་པར་གྱུར། ཧཱུཾ་ལས་བྱུང་བའི་རྡོ་རྗེ། ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེའི་བརྟུལ་ ཞུགས་དང་མི་འབྲལ་བར་གྱིས་ཤིག་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏི་ཥྛ་ཨ་ཥ་སྟཾ། དྷ་ར་ཡཱ་མི་ཨོཾ། ཧ་ཧ་ཧ་ཧ་ཧི། སྙིང་གའི་ནང་དུ་ཡང་རྡོར་སེམས་ཡབ་ཡུམ་འོད་འཕྲོ་བ་གཅིག་བཞུགས་པར་ གྱུར༑ ཅེས་རྡོ་རྗེའི་བརྟུལ་ཞུགས་བླང།། ༈ རང་ཉིད་ཧེ་རུ་ཀ་སྔོན་པོ་ཞལ་བཞི་ཕྱག་བཅུ་གཉིས་པ་ཡུམ་དང་བཅས་པར་གྱུར། ཡབ་ཡུམ་གྱི་སྙིང་པོ་གསུམ་རེ་བཟླ། ཁ་ཊཾ་ག་ལྷའི་སྐུ་བདེ་ [010B] ཌཱ་མ་རུ་ཤེས་རབ་སྟོང་པ་ཉིད། ཐོང་པ་བདེ་སྟོང་དབྱེར་མེད་དུ་སྦྱོང་བ། ཚངས་སྐུད་རྣམ་པར་མི་རྟོག་པའི་མཚོན་བྱད་དུ་ཤེས་པར་གྱིས་ལ་དེ་དག་དང་མི་འབྲལ་བར་གྱིས་ཤིག་སྙིང་གའི་ནང་དུ་ཧེ་ རུ་ཀ་ཡབ་ཡུམ་མཚོན་གང་བ་གཅིག་བཞུགས་པར་གྱུར། ཅེས་སྤྱོད་པའི་བརྟུལ་ཞུགས་བླང། ༈ ཧེ་རུ་ཀ་དཔལ་ ཞེས་བྱ་བའི། །དེ་བཞིན་གཤེགས་པ་ཉིད་ཡིན་ནོ། །ཤྲཱེ་ཧེ་རུ་ཀ་ཊཱ་ཀི་ནཱི་ནཱ་མ་སརྦ་ཏ་ཐ་ག་ཏ་སིདྡྷི་ས་མ་ཡ་སྟཱཾ་བྷཱུ་རྦྷཱུ་བ་སྭཿ་བདུད་ཚོགས་ཀུན་ལས་རྣམ་རྒྱལ་ཞིང། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། ཅེས་ལུང་ བསྟན་ཅིང་དབུགས་དབྱུང། ༈ ཕྱིར་མི་ལྡོག་པའི་དབང་བསྐུར་ཚེ། །དཔའ་བོ་ཆེན་པོ་བདག་ལ་སྩོལ། །འགྲོ་བ་མཚན་མ་མེད་བྱེད་པ། །དེ་ནི་ད་འདིར་མཛད་དུ་གསོལ། ཞེས་ ལན་གསུམ་གསོལ་བ་གདབ། རང་ཉིད་བསངས་སྦྱངས། སྟོང་པའི་ངང་ལས་སེང་ཁྲི་པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་པད་ཉིད་རྡོ་རྗེ་འཆང་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་བྲིལ་བུ་འཛིན་པ་ རྡོ་རྗེ་སྙེམས་མ་སྔོན་མོ་གྲི་གུག་དང་ཡེ་ཤེས་པ་སྤྱན་དྲངས། ཕཻཾ༑ ཛ་ཧཱུཾ་བཾ་ཧོཿ་གཉིས་སུ་མེད་པར་གྱུར་པའི་སྟེང་དུ་གདུགས། གཡས་སུ་རྒྱལ་མཚན། གཡོན་དུ་བ་ངན། མཐའ་སྐོར་དུ་མཆོད་པའི་སྤྲིན་དང་བཅས་པར་གྱུར་ [011A]༄༅། །རྡོ་རྗེ་དང་དྲིལ་བུ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སེམས་དཔའི་ངོ་བོ་དང། ཨོཾ་ལས་བྱུང་བའི་དྲིལ་བུ་རྡོ་རྗེ་སྙེམས་མའི་ངོ་བོར་གྱུར། ཅེས་ བསྐྱེད་ཨོཾ་མ་ཧཱ་བཛྲ་ཧཱུཾ། སྟོང་པ་ཉིད་དང་དབྱེར་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ནི་གསང་བའི་རྡོ་རྗེ་ཡིན་ལ། དེ་དྲན་པའི་དོན་དུ་རྡོ་རྗེ་ཟུངས་ཤིག་ཅེས་དང། ཨོཾ་བྫྲ་གྷཎྜེ་ཨཿ་ཆོས་ཐམས་ ཅད་རང་བཞིན་མེད་པའི་སྒྲ་དྲིལ་བུས་སྒྲོག་པར་སེམས་པའི་སྒོ་ནས་དྲིལ་བུ་ཟུངས་ཤིག་ཅེས་དང། རང་གི་ལུས་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་སྒོམ་པ་ནི་འདར་མི་རུང་བའི་ཕྱག་རྒྱའི་དམ་ཚིག་ཡིན་ ལ༑ དེ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་མཉམ་པར་སྦྱར་ཏེ་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ། ཞེས་དམ་ཚིག་གསུམ་གཟུང། རང་རྡོ་རྗེ་འཆང་ཡབ་ཡུམ་འཁྱུད་པ་ལ་བརྟེན་ནས་བྱུང་བའི་ བདེ་བ་དང་སྟོང་པ་ཉིད་དབྱེར་མེད་དུ་སྦྱར་བ་དེ་རྡོ་རྗེ་སློབ་དཔོན་གྱི་དབང་གི་ངོ་བོ་ཡིན་ནོ། ཞེས་བརྗོད། བླ་མ་དང་གཙོ་བོ་ཐ་མི་དད་པའི་ཞེས་སོགས་དབང་ལྷ་སྤྱན་འདྲེན་ནས། མི་བསྐྱོད་པས་དབུ་ བརྒྱན་པར་གྱུར། ཅེས་པའི་བར་ཆུ་དབང་ལྟར་ལ། ཛཿ་ཧཱུཾ་བཾ་ཧོཿ་དབང་ལྷ་རྣམས་རང་གི་སྤྱི་བོ་ནས་ཐིམ་པར་གྱུར། ཨོཾ་སུ་པྲཏི་ཥྛ་བ་ཛྲེ་སཱ་ཧཱ། ཞེས་བརྟན་པར་བྱས་ལ་སྔར་ལྟར་མཆོད་དོ་ [011B] བདེ་སྟོང་དབྱེར་མི་ཕྱེད་པའི་དེ་ཉིད་རིག་པའི་སྒོ་ནས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པར་བྱའོ། །ཞེས་འདོད་ཡོན་ལ་སྤྱོད་པ་དང། བདག་ཉིད་དཔའ་བོ་དང་རྣལ་འབྱོར་མ་འདུས་ པའི་ངོ་བོ་ཧེ་རུ་ཀར་བལྟས་ལ། བདག་ཉིད་ལ་མཆོད་པར་བྱའོ། །ཞེས་ལྷ་མཆོད་པ་དང། སྣོད་བཅུད་སྐྱུ་མ་རྟར་ཤེས་པར་གྱིས་ལ་སེམས་ཅན་གྱི་དོན་བྱོས་ཤིག་ཅེས་སེམས་ཅན་གྱི་དོན་བྱེད་པ་སྟེ་རྗེས་གནང་ གསུམ་ནོད། དེས་ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག་ལམ་བསྐྱོད་རིམ་ཡན་ལག་དང་བཅས་པ་བསྒོམ་པ་ལ་དབང་ཞིང། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་སྐལ་པ་ཅན་དུ་ བྱས་སོ། ཞེས་དག་པ་བརྗོད། ༈ བདག་ཉིད་ཆེ་ཁྱོད་ཇི་ལྟ་བར། །གཙོ་བོས་བདག་ཀྱང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་བདག་ལ་སྐྱབས་མཛོད་ ཅིག་ །ཅེས་ལན་གསུམ་གསོལ་བ་གདབ། རང་ཉིད་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པར་གྱུར། བླ་མ་དང་གཙོ་བོ་ཐ་མི་དད་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས་དཔའ་བོ་ དང་དཔའ་མོ་རྣམས་སྤྱན་དྲངས་ཏེ། ཡབ་ཡུམ་གྱི་ཞལ་དུ་ཞུགས། ཐུགས་ཀར་ཆགས་པ་ཆེན་པོའི་མེས་ཞུ་ནས་བྱང་སེམས་དཀར་དམར་དུ་གྱུར། འདི་དེ་དཔའ་བོ་ལྷ་མོ་རྣམས། །དམ་ཚིག་རྨད་བྱུང་ཆེན་ [012A]༄༅། །པོ་སྟེ༑ ༑ཁམས་ལྔ་ལྡན་པའི་རོ་རྟོགས་བྱེད། །བདེ་བ་གང་དེ་མྱང་བར་བྱ། ཞེས་སྩལ་པ། ཀྱེ་མ་བདེ་བ་ཆེན་པོའོ། ཞེས་མྱངས་པ་ལ་བརྟེན་ནས་བྱུང་བའི་བདེ་བ་ དང་སྟོང་པ་ཉིད་དབྱེར་མེད་དུ་སྦྱར་བ་དེ་གསང་དབང་གི་ངོ་བོ་ཡིན་ནོ། །བླ་མ་ཡབ་ཡུམ་གྱི་ཐུགས་ཀ་ནས་ཧེ་རུ་ཀ་ཡབ་ཡུམ་འཕྲོས་པ། རང་གི་མགྲིན་པར་ཐིམ་པར་གྱུར། ཅེས་བརྗོད། དེས་ཀུན་ རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག་ལམ་བདག་བྱིན་རླབས་ཀུན་རྫོབ་སྒྱུ་མའི་རྫོགས་རིམ་བསྒོམ་པ་ལ་དབང་ཞིང། འབྲས་བུ་ལོངས་སྐུ་འགྲུབ་པའི་ སྐལ་བ་ཅན་དུ་བྱས་སོ། ཞེས་དག་པ་བརྗོད། ༈ གསང་དབང་ལྟར་གསོལ་བ་གདབ། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ། །ཁྱོད་ལ་ལེགས་པར་སྦྱིན་པར་བྱ་ ཞེས་གཏད་པ་དེས། བུ་ཁྱོད་ང་ལ་གུས་བྱས་ནས། །བདུད་རྩི་རྣམ་ལྔ་ཟ་སྤྲོའམ། ཞེས་པ་ལ། ཇི་ལྟར་གསུངས་པའི་དམ་ཚིག་ཀུན། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། ཞེས་བརྗོད་པས་དགྱེས་ཏེ་ ཨེ་མ་ང་ཡི་པདྨ་འདི། །བསྟེན་ན་ཚེ་འདིར་སངས་རྒྱས་འགྲུབ། པདྨ་བྷ་ཉྫཱ་ཧོཿ་ཞེས་གསུངས་པར་བསམ། །རང་དང་རིག་མ་བསངས་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ [012B] །བཾ་ལས་གྲི་གུག་བཾ་གྱིས་མཚན་པ་ལས་རིག་མ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལྔ་བཅུའི་དོ་ཤལ་ཅན་དུ་གྱུར་ ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་དཀར་པོ་སྩེ་ལྔ་པ། བྱཱ་ལས་ནོར་བུ་དམར་པོ་བྱཱ་སེར་པོས་མཚན་པ། ཡུམ་གྱི་གསང་གནས་ཨཱ་ལས་པདྨ་དམར་པོ་འདབ་མ་གསུམ་པ། བྱཱ་ལས་ལྟེ་བ་དཀར་པོ་བྱཱ་སེར་པོས་མཚན་ པར་གྱུར། ཐབས་འདི་ལ་བརྟེན་ནས་ཟག་མེད་གྱི་བདེ་བ་མངོན་དུ་བྱའོ་སྙམ་དུ་སྙོམས་པར་བཞུགས་པས་བྱང་སེམས་སྤྱི་བོ་ནས་མགྲིན་པར་སླེབས་པ་ན་དགའ་བ། མགྲིན་པ་ནས་སྙིང་གར་སླེབས་པ་ན་མཆོག་དགའ། སྙིང་ ག་ནས་ལྟེ་བར་སླེབས་པ་ན་ཁྱད་དགའ། ལྟེ་བ་ནས་ནོར་བུའི་རྩེར་སླེབས་པ་ན་ལྷན་སྐྱེས་ཀྱི་དགའ་བ་སྐྱེས། དེ་དང་སྟོང་པ་ཉིད་དབྱེར་མེད་དུ་སྦྱང་བ་དེ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་ཡིན་ནོ། །དེང་ནས་བཟུང་སྟེ་བུ་ཁྱོད་ ཀྱི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་འདྲར་སེམས་ཅན་ཐམས་ཅད་ཀྱི། །དོན་ནི་བདག་ཉིད་ཀུན་གྱིས་གྱིས། །ཞེས་བརྗོད། དེས་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག་ ལམ་ཕྱག་རྒྱ་ཆེན་པོ་དོན་དམ་འོད་གསལ་གྱི་རྫོགས་རིམ་བསྒོམ་པ་ལ་དབང་ཞིང། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་དག་པར་རྗོད།། ༈ [013A]༄༅། །ཕུལ་ཏེ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ་ ཞེས་ལན་གསུམ་གསོལ་བ་གདབ། དབང་གསུམ་པའི་དུས་སུ་ལུས་འདོད་ལྷ་ཡབ་ཡུམ་དང་སེམས་བདེ་སྟོང་དབྱེར་མེད་དུ་མོས་པའི་རྒྱུན་ཇེ་བཟང་དུ་སོང་སྟེ། མཐའ་སྐུ་རླུང་སེམས་ལས་ གྲུབ་པའི་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པ་ཅན་དང་ཐུགས་ལྷན་སྐྱེས་ཀྱི་བདེ་སྟོང་དབྱེར་མེད་པའི་ཟུང་འཇུག་དངོས་གནས་སུ་འགྲུབ་པ་ཡིན་ནོ། །ཞེས་བརྗོད། དེ་ནས། འདི་ནི་རང་བཞིན་ མཛེས་མ་སྟེ། །ཕྱི་རོལ་ཡུལ་ནི་སྤངས་པའོ། །རིག་འདི་བོར་ནས་དེ་ལས་ནི། །གཞན་པའི་ཐབས་ཀྱིས་སངས་རྒྱས་མེད། །རིག་མའི་བརྟུལ་ཞུགས་སྤྱོད་ཅིག་བུ། །བརྟུལ་ཞུགས་རྣམས་ཀྱི་ བླ་མའི་བླ། ཞེས་རིག་མའི་བརྟུལ་ཞུགས་བླང། དེས་དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་ཀྱི་དྲི་མའི་བག་ཆགས་དག་ལམ་བསམ་མི་ཁྱབ་དབྱེར་ མེད་ཟུང་འཇུག་གི་རྫོགས་རིམ་བསྒོམ་པ་ལ་དབང་ཞིང། འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་འགྲུབ་པའི་སྐལ་པ་ཅན་དུ་བྱས་སོ། །ཞེས་དག་པ་བརྗོད། དེ་ནས་གཏང་རག་གི་མཎྜལ་དང་མཆོད་ [013B] དེ་ལྟར་དཔལ་ལྡན་འཁོར་ལོ་བདེ་མཆོག་གི་བསྐྱེད་རིམ་མཆོད་བསྟོད་བཟླས་སོགས་ཚུལ་བཞིན་དུ། །བསྒྲུབས་པའི་དགེ་བས་སྔོན་འགྲོ་མཐུན་མོང་ལམ། །མ་ནོར་ཡོངས་སུ་རྫོགས་པས་རྒྱུད་སྨིན་ ཤོག༑ རྡོ་རྗེ་སློབ་དཔོན་མཆོག་གི་དེད་དཔོན་ལས། །རྣམ་དག་དབང་བཞི་རབ་མནོས་དམ་ཚིག་དང། །སྡོམ་པའི་བཅས་མཚམས་ཚུལ་བཞིན་ལེགས་བསྲུངས་ནས། །སྨིན་གྲོལ་གདམས་པས་བདག་རྒྱུད་ཕྱུག་ པར་ཤོག་སྲིད་པའི་གནས་སྐབས་ལ་བདག་སྐུ་གསུམ་དུ། །སྐྱོད་བྱེད་རིམ་པ་དང་པོའི་རྣལ་འབྱོར་ཆེ། །ཟབ་གསལ་གཉིས་མེད་ལྷ་སྔགས་བསམ་གཏན་གྱིས། །རབ་འབྱམས་ལས་ཀུན་ཐོགས་མེད་འགྲུབ་པར་ཤོག་ བླ་མེད་མྱུར་ལམ་མཐར་ཐུག་རྫོགས་པའི་རིམ། །ཟབ་ལམ་རིམ་པ་ལྔ་རུ་བསྡུས་པའི་དོན། །འཁྲུལ་མེད་ཉམས་སུ་བསྟར་ལས་འཁོར་ལོ་ཀུན། །སྡོམ་མཛད་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག་ཚེ་འདིར་མ་འགྲུབ་འཆི་ བའི་དུས་ཀྱི་ཚེ། །རྗེ་བཙུན་ཡབ་ཡུམ་དཔའ་བོ་དཔའ་མོའི་ཚོགས། །རབ་འབྱམས་མཆོད་རྫས་ཐོགས་ནས་སྡུན་བསུས་ཏེ། །ཕྱི་ནང་མཁའ་སྤྱོད་གནས་སུ་འཁྲིད་གྱུར་ཅིག་ཅེས་སྨོན་ལམ་གདབ། །ཧེ་རུ་ཀའི་ཡིག་བརྒྱ་ བཟླས་ཏེ་བཟོད་པར་གསོལ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། ཞེས་སོགས་ཀྱིས་བརྟན་བཞུགས་བྱ། དེ་ནས། རབ་ཡངས་ཀུན་གསལ་ཁྱོན་འགེངས་དཀྱིལ་འཁོར་ལྷ། །བདེ་གཤེགས་སྲས་བཅས་ཤིས་པ་བརྗོད་པའི་ [014A]༄༅། །དབྱངས། །སྙན་པར་སྒྲོག་ཅིང་མེ་ཏོག་ཆར་འབབས་པས། །ས་གསུམ་འགྲོ་ལ་ཤིས་པས་སྐྱོང་གྱུར་ཅིག་རྣལ་འབྱོར་གསང་མཐའི་རྒྱུད་རྒྱལ་ལམ་བཟང་ལ། །བརྟེན་ནས་གྲུབ་པ་མཆོག་བརྙེས་བྱིན་རླབས་ གཏེར། །རྩ་བ་བརྒྱུད་པའི་བླ་མ་མ་ལུས་པའི། །དགེ་མཚན་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག་སྟོན་པ་ཕུན་ཚོགས་ཁྱབ་བདག་ཧེ་རུ་ཀཿ་གསང་ཆེན་མཐར་ཐུག་ལུང་དང་རྟོགས་པའི་ཆོས། །དཀྱིལ་འཁོར་འཁོར་ཚོགས་དགེ་ འདུན་དཀོན་མཆོག་གི། །དགེ་མཚན་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག་སྟོང་གསུམ་ཁྱོན་མཚུངས་རིན་ཆེན་གཞལ་མེད་ཁང། །ཉི་ཟླའི་འོད་འཕྲོ་རྒྱན་གྱིས་བརྒྱན་པ་ལ། །དགེ་མཚན་ཕུན་ཚོགས་ཇི་སྙེད་མཆིས་པ་དེས་ སྣོད་བཅུད་དཔལ་གཡང་བདེ་ལེགས་ཁྱབ་གྱུར་ཅིག་ཅེས་ཤིས་པ་བརྗོད་པར་བྱའོ། །སྨྲས་པ། རྣལ་འབྱོར་དབང་ཕྱུག་རྒྱུ་སྐར་འཕྲེང་བའི་དབུས། །སྤངས་རྟོགས་འོད་དཀར་བྱེ་བས་མངོན་མཐོ་བ། །གྲུབ་མཆོག་དྲིལ་བུ་ཞབས་ ཞེས་སྙན་པའི་རྡ། །འཛམ་གླིང་ཡངས་པའི་ཁྱོན་ལས་བརྒལ་བར་སྒྲོག་གང་དེའི་བཞེད་སྲོལ་ལྷ་ལྔའི་དབང་ཆོག་འདི། །དབེན་ས་པ་དང་སྒྲོལ་བའི་མགོན་པོ་སོགས། །དམ་པའི་གསུང་བཞིན་འཇམ་མགོན་ཡབ་སྲས་ཀྱི། གཞུང་ ལས་བཏུས་ནས་གོ་སླའི་ངག་གིས་བཤད། །དགེ་བས་ཉེར་བཞིའི་ཡུལ་གནས་དཔའ་བོ་དང། །སྔགས་ཞིང་ལྷན་སྐྱེས་ཌ་ཀིའི་ཚོགས་རྣམས་ཀྱིས། །བརྩེ་བའི་ཐུགས་ཀྱིས་ཕྱི་ནང་གསང་བའི་གྲོགས། །མཛད་ནས་རིམ་ [014B]ཅེས་དཔལ་འཁོར་ལོ་བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་ཆོག་བདེ་ཆེན་སྙིང་པོ་ཞེས་བྱ་བ་འདི་ནི། ཤྐྱའི་དགེ་སློང་རིག་པ་འཛིན་པ་དྷ་རྨ་བྷ་དྲས་སྣ་ཚོགས་ཀྱི་ལོའི་གྲོ་བཞིན་ཟླ་བའི་ཡར་ངོའི་ཚེས་ བཅུའི་ཉིན་བཞད་དངུལ་ཆུའི་རི་ཕུག་ཏུ་སྦྱར་བའོ། །མངྒ་ལཾ། །།